ELUNORTECHNOLOGY

དགོན་པའི་དྲ་ཚིགས། · Monastery Web Solutions

སྐད་ཡིག་སྣ་མང་གི་དགོན་པའི་དྲ་ཚིགས། བཀོད་རྗེས་ཀྱང་ལྟ་རྟོག་བྱེད་མཁན་ཡོད།

ང་ཚོས་དགོན་པའི་ཆེད་དུ་བོད་རྒྱ་དབྱིན་གསུམ་གྱི་དྲ་ཚིགས་བཟོ་སྟེ། གསུང་རབ་པར་སྒྲིག་དང་། ཆོས་གསར་འགྲེམས་སྤེལ། ཞབས་ཏོག་དང་མཆོད་མེའི་བྱ་ཐབས་གསལ་པོར་འགོད། དྲ་ཚིགས་བཀོད་རྗེས་ཉིན་རེའི་གསར་སྒྱུར་དང་ལག་རྩལ་འཛིན་སྐྱོང་ང་ཚོས་ཡུན་རིང་འགན་འཁུར།

དགོན་པའི་དྲ་ཚིགས། · ཆོས་གསར།
ཟླ་ ༩ པ། ༢༢

ལྷ་བབས་དུས་ཆེན།

མཆོད་སྒྲུབ་ཀྱི་ལས་རིམ།

ཟླ་རེ། ༡༠

ཚེས་བཅུའི་ཚོགས།

གུ་རུ་རིན་པོ་ཆེའི་ཚོགས་མཆོད།

དཔེ་མཚོན། དགོན་པའི་དྲ་ཚིགས་ཀྱི་ཆོས་གསར་ཤོག་ངོས། ཚེས་གྲངས་དགོན་པས་སྤྱོད་པའི་རྩིས་ལུགས་ལྟར་འགོད།

དགོན་པའི་དྲ་ཚིགས་མང་པོར་འཕྲད་པའི་དཀའ་ངལ།

བཟོས་རྗེས་གསར་སྒྱུར་བྱེད་མཁན་མེད།

མཆོད་སྒྲུབ་བརྡ་ཁྱབ་དང་ཆོས་བཤད་ལོ་ཤས་སྔོན་དུ་མཚམས་ཆད་པས། དད་ལྡན་ཚོས་སྤྱི་ཚོགས་བརྒྱུད་ལམ་ཐོག་གནས་ཚུལ་འཚོལ་དགོས།

སྐད་ཡིག་གཅིག་ཁོ་ན།

ཕྱི་རྒྱལ་གྱི་རྒྱ་རིགས་དང་ནུབ་ཕྱོགས་པའི་དད་ལྡན་ཚོས་ཀློག་མི་ཐུབ་ལ། བོད་ཡིག་གི་ནང་དོན་ཡང་རྒྱུན་དུ་ཆད་ཡོད།

བོད་ཡིག་ནོར་འཁྲུལ་ངང་མངོན་པ།

ཡིག་གཟུགས་མེད་པ་དང་ཡིག་ཕྲེང་བཅད་ས་ནོར་བས། ཁ་པར་ཐོག་གསུང་རབ་དུམ་བུ་དུམ་བུར་ཆག་འགྲོ།

ཞབས་ཏོག་གི་བྱ་ཐབས་མི་གསལ་བ།

མཆོད་མེ་འབུལ་བའམ་རྗེས་སུ་ཡི་རང་ཞུ་འདོད་པ་ཚོས་ཡིད་ཆེས་རུང་བའི་གསལ་བཤད་དང་བརྒྱུད་ལམ་རྙེད་མི་ཐུབ།

ང་ཚོས་ཅི་ཞིག་མཁོ་སྤྲོད་བྱེད།

སྐད་ཡིག་གསུམ།

བོད་རྒྱ་དབྱིན་གསུམ་གྱི་ཤོག་ངོས་རེ་རེ་ཡོད་ཅིང་། ཆོས་གསར་གཅིག་སྐད་གསུམ་ཤན་སྦྱར་ངང་འགྲེམས་ཆོག

གསུང་རབ་པར་སྒྲིག

བོད་ཡིག་ཚེག་ལྟར་ཡིག་ཕྲེང་གཅོད་པ་དང་། བོད་རྒྱ་ཤན་སྦྱར་པར་སྒྲིག་ལ་རྒྱབ་སྐྱོར་བྱེད། ཡིག་གཟུགས་དྲ་ཚིགས་དང་མཉམ་དུ་འགོད།

ཆོས་གསར་དང་མཆོད་སྒྲུབ་ལས་རིམ།

དགོན་པས་རང་ཉིད་ཀྱིས་བརྡ་ཁྱབ་འགྲེམས་ཆོག ལས་རིམ་ལ་དགོན་པས་སྤྱོད་པའི་རྩིས་ལུགས་ (ཕུག་ལུགས་སམ་མཚུར་ལུགས) ལྟར་བོད་ཟླའི་ཚེས་གྲངས་འགོད།

ཞབས་ཏོག་དང་མཆོད་མེའི་ལམ་སྟོན།

ཞབས་ཏོག་གི་རྣམ་གྲངས་དང་མཆོད་མེ་འབུལ་ཐབས། འབྲེལ་བའི་བརྒྱུད་ལམ་བཅས་གསལ་པོར་བྲིས་ནས་དགོན་པས་ཁས་ལེན་བྱས་རྗེས་འགྲེམས།

མཇལ་ཁའི་གསལ་བསྒྲགས།

འགྲུལ་བཞུད་དང་སྒོ་འབྱེད་དུས་ཚོད། གོས་གྱོན་དང་སྤྱོད་ལམ་བཅས། ཐེངས་དང་པོར་ཕེབས་མཁན་ཚོར་ཕན།

ཡུན་རིང་འཛིན་སྐྱོང་།

ནང་དོན་གསར་སྒྱུར་དང་བདེ་འཇགས་ཀྱི་ཞིག་གསོ། གཞི་གྲངས་གྲབས་ཉར་བཅས་ང་ཚོས་འགན་འཁུར་ཞིང་། དགོན་པར་དགོས་མཁོ་བྱུང་ཚེ་དུས་ནམ་ཡིན་ཡང་འབྲེལ་བ་བྱེད་ཆོག

ལས་རིམ།

གོ་རིམ་རེ་རེ་དགོན་པས་ཁས་ལེན་བྱས་རྗེས་མུ་མཐུད་བྱེད།

  1. ཡིག་ཆ་བསྡུ་རུབ།

    དགོན་པས་ངོ་སྤྲོད་དང་བརྒྱུད་རིམ། པར་རིས། ལས་རིམ་བཅས་མཁོ་སྤྲོད་བྱས་ན། ང་ཚོས་དྲ་ཚིགས་ཀྱི་སྒྲོམ་གཞིར་སྒྲིག

  2. བཟོ་སྐྲུན།

    སྒྲིག་ཟིན་པའི་སྒྲོམ་གཞི་ལྟར་འཆར་འགོད་དང་བཟོ་སྐྲུན་བྱེད་ཅིང་། སྐད་ཡིག་གསུམ་མཉམ་དུ་འགྲོ།

  3. ཕན་ཚུན་ཞིབ་བཤེར།

    དགོན་པས་ཤོག་ངོས་རེ་རེའི་ཡི་གེ་དང་པར་རིས། ཡིག་སྒྱུར་ཁས་ལེན་བྱེད་ཅིང་། ནང་བསྟན་ཞུ་དག་པས་ཐ་སྙད་ཞིབ་བཤེར་བྱེད།

  4. དྲ་ཐོག་ཏུ་འགོད་པ།

    དགོན་པའི་མིང་ཐོག་གི་དྲ་ཁོངས་མཐུད་དེ། རྒྱ་ནག་དང་ཕྱི་རྒྱལ་གཉིས་ཀར་རྒྱུན་ལྡན་ལྟར་ཁ་ཕྱེ་ཐུབ་མིན་ར་སྤྲོད་བྱེད།

  5. འཛིན་སྐྱོང་།

    དྲ་ཚིགས་བཀོད་རྗེས་གྲོས་མཐུན་ལྟར་ནང་དོན་གསར་སྒྱུར་བྱེད་ཅིང་། ལག་རྩལ་གྱི་གནད་དོན་ང་ཚོས་ཐག་གཅོད་བྱེད།

ལག་རྩལ་གྱི་ཞིབ་ཕྲ།

རྒྱ་ནག་ནང་རྒྱུན་ལྡན་ལྟར་ཁ་ཕྱེ་ཐུབ།

Google གི་ཡིག་གཟུགས་དང་ས་ཁྲ། བརྙན་ཟློས་ཞབས་ཞུ་ལ་བརྟེན་མི་དགོས་ཤིང་། ཡིག་གཟུགས་ཚང་མ་རང་ཉིད་ཀྱིས་འགོད།

ཐོག་མར་ཁ་པར་ལ་དམིགས་ནས་འཆར་འགོད།

ལྟ་མཁན་མང་ཆེ་བ་སྤྱི་ཚོགས་བརྒྱུད་ལམ་གྱི་འབྲེལ་མཐུད་ནས་ཡོང་བས། ཤོག་ངོས་རེ་རེ་ཁ་པར་ཐོག་ཀློག་བདེ་བ་ཐོག་མར་ཁག་ཐེག་བྱེད།

དྲ་ཚིགས་དགོན་པའི་དབང་དུ་གཏོགས།

དྲ་ཁོངས་དང་རྩིས་ཐོ། གཞི་གྲངས་ཚང་མ་དགོན་པའི་མིང་ཐོག་ཏུ་ཡོད་ལ། དགོན་པས་དུས་ནམ་ཡིན་ཡང་ནང་དོན་བཟོ་བཅོས་སམ་འདོར་ཆོག

དགོན་པའི་ཆེད་དུ་དྲ་ཚིགས་ཤིག་བཟོ་འདོད་དམ།

ཐོག་མར་དྲ་ཐོག་གྲོས་བསྡུར་ཐེངས་གཅིག་བྱས་ཏེ། དགོན་པར་ཡོད་པའི་ཡིག་ཆ་དང་བྱ་འདོད་པའི་ལས་དོན་གླེང་མོལ་བྱ།

གྲོས་བསྡུར་ཞུ། རྒྱུན་ལྡན་ལས་ཉིན་ ༡–༢ ནང་ལན་འདེབས་ཞུ།